skip to main
|
skip to sidebar
༄༅།། ལུང་སྐྱ་ངེས་དོན་མི་འགྱུར་བདེ་ཆེན་གླིང་།
Friday, February 15, 2008
No comments:
Post a Comment
Newer Post
Home
Subscribe to:
Post Comments (Atom)
གསལ་བསྒྲགས།
སྐྱབས་མགོན་རྗེ་བཙུན་བླ་མ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། རྗེ་བཙུན་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་སྐུ་ཁམས་ཅུང་བདེ་མིན་གྱིས་ད་ལྟ་སྐུའི་འཕྲོད་བསྟེན་སྨན་བཅོས་གནང་བཞིན་ཡོད་པས། མགོན་པོ་གང་གི་སློབས་འབངས་སུ་གཏོགས་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས། སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཉེར་འཚེ་མཐའ་དག་དབྱིངས་སུ་ཞི་ནས་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་ཆེད། སྐུའི་རིམ་གྲོར་ཚེ་སྒྲུབ་དང་། ཚེ་ཐར། སྲོག་བསླུ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བ། སྐུའི་ཀླུང་ཁམས་དང་མཐུན་པའི་དར་ཅོག་སྒྲེང་འཛུགས་སོགས་རྣམ་དཀར་གྱི་ལས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེ་བས་དེ་ལུགས་ཐུགས་འཛིན་གནང་རྒྱུ་བཅས། ལུང་སྐྱ་དགོན་པའི་བླ་སྤྲུལ་འདུས་སྤྱི་ལྷན་རྒྱས་ནས།
བོད་རྒྱལ་ལོ། ༢༡༣༥ བོད་ཟླ་ ༡ ཚེས་ ༡༡ ཉིན།
མཛའ་འབྲེལ་དཔལ་བེའུ་མདུད་རྒྱ།
ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པ།
ཇོ་ནང་ཐེབས་རྩ་ལྷན་ཚོགས།
ཕུན་ཚོགས་རྡོ་རྗེ་གླིང་།
ཕུན་ཚོགས་རྡོ་རྗེ་གླིང་།
བཀྲ་ཤིས་ཆོས་གླིང་།
སྐུ་པར་མཐོང་གྲོལ་རིན་པོ་ཆེ།
ངེས་དོན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་པདྨ་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས།
ཕྱི་ལུགས་ཟླ་ཚེས།
▼
2008
(2)
▼
February
(2)
ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང༌།
No title
བསྟན་བདག་བླ་མའི་ཆེ་བ།
སྐྱབས་རྗེ་ངག་དབང་པདྨ་རྣམ་རྒྱལ།
ཨ་མདོ་མགོ་ལོག, མཚོ་སྔོན་ཞིང་ཆེན།
༄༅།། རྡོ་རྗེ་འཆང་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་ནི། བོད་མདོ་སྨད་མགོ་ལོག་ཨ་སྐྱོངས་གོང་མ་ཚང་ཞེས་གྲགས་པའི་འབྲོག་སྡེ་དེར་རབ་རྒྱལ་ལྕགས་རྟ་ལོར་ངོ་མཚར་བའི་རྟགས་དུ་མ་དང་བཅས་སྐུ་འཁྲུངས། གྲུབ་བརྒྱའི་གཙུག་རྒྱན་གཙང་གྲུབ་བྱམས་པ་ཆོས་འཛིན་དང༌། ཝ་ཤུལ་བླ་མ་བསོད་ནམས་མཁས་གྲུབ། ཕུར་ཚ་བླ་མ་འཇམས་དབྱངས་ཤེས་རབ་སོགས་ཀྱིས་དགེ་རྩེ་པདྨ་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་འཛིན་གནང༌། ཕྱིས་སུ་བླ་མ་དེ་གཉིས་ཀྱི་གཙོས་སྐྱེས་ཆེན་དམ་པ་མང་དུ་བསྟེན། སྐུ་ནར་སོན་པ་ན་མཚམས་པ་སྨོན་ལམ་བཟང་པོ་བསམ་སྦྱོར་དག་པའི་སྒོ་ནས་བླ་མར་བསྟེན་ཏེ་དུས་འཁོར་གྱི་བསྐྱེད་རྫོགས་སྤྱི་དང༌། སྦྱོར་བ་ཡན་ལག་དྲུག་པའི་ཉམས་ཁྲིད་མནོས་པས་འོད་གསལ་རྟགས་བཅུ་སོགས་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཤིང་། གངས་ལྗོངས་རྟོགས་པའི་དབང་ཕྱུག་ཆེན་པོ་ཞེས་ཡོངས་སུ་གྲགས། ལྐོག་གྱུར་གསལ་བར་གཟིགས་པ་དང༌། ཁང་ཁྱིམ་ལ་མི་ཐོགས་པར་ཕེབས་པ་སོགས་མཆེད་གྲོགས་ཀུན་ལ་གསལ། གཞན་ཡང་བདུད་འཇོམས་གླིང་བའི་རིགས་སྲས་རྡོ་རྗེ་དགྲ་འདུལ་གྱི་དྲུང་ནས་གཏེར་གསར་གྱི་དབང་བཀའ་སོགས་ཞུས་ཏེ་སྔོན་གནས་རྗེས་དྲན་སོགས་དག་པའི་སྣང་བ་འབྱམས་སུ་ཀླས། ད་ལྟ་ལུང་སྐྱ་དགོན་གྱི་རྡོ་རྗེ་སློབ་དཔོན་གྱི་ཁྲིར་བཞུགས་ཏེ། སློབ་ཚོགས་སྟོང་ཕྲག་མང་པོར་དུས་འཁོར་གྱི་དབང་བཀའ་དང༌། ཟབ་ལམ་སྦྱོར་བ་ཡན་ལག་དྲུག ཤངས་ཆོས་ནི་གུ་ཆོས་དྲུག་ བཀའ་བབ་དྲུག་ལྡན་གྱི་ཁྲིད་སོགས་རྒྱ་ཆེར་སྤེལ་བཞིན་བསྟན་འགྲོའི་དཔལ་དུ་བཞུགས་པ་ལགས་སོ།།
View my complete profile
No comments:
Post a Comment